• སྒུག་ནས་མ་སྡོད་། གསར་སྣོན་བྱོས།

    ཁྱེད་རང་གི་གློག་ཀླད་མཉེན་ཆས་དུས་ཐོག་ལེགས་གསོ་བྱེད་རྒྱུ་ནི་དྲ་ཐོག་བཅོམ་རྐུན་འགོག་ཐབས་ལས་སླ་ཤོས་དེ་ཡིན།

    ང་ཚོ་ཚང་མའི་གློད་ཀླད་ནང་། “མཉེན་ཆས་ལེགས་གསོ་བྱེད་རྒྱུ་འདུག དུས་ཐོག་ལེགས་གསོ་བྱེད། ༼ཡང་ན།༽ རྗེས་ལ་དྲན་གསོས།” ཞེས་པའི་དྲན་བརྡ་འབྱོར་མྱོང་ཡོད་བཞིན་པ་ལྟར། “དུས་ཐོག་ལེགས་གསོ་བྱེད།” ཞེས་པ་འདེམས་རྒྱུ་ནི་དྲ་ཐོག་བདེ་སྲུང་གི་ཐབས་ཇུས་སྟབས་བདེ་ཤོས་དང་ནུས་པ་ཆེ་ཤོས་དེ་ཡིན།

    Update 1

     གློག་ཀླད་ཀྱི་མ་ལག་སྒེའུ་ཁུང་དང་ཀུ་ཤུ་རྟགས་ཅན་གཙོས་པས་རྒྱུན་སྤྱོད་མཉེན་ཆས་ཚང་མ་དུས་ཡུན་རིང་པོའི་རྗེས་སུ་བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་འཕྲད་ཀྱི་ཡོད་པ་ཤེས་ཐུབ། བདེ་འཇགས་ལྷོད་དུ་སོང་བའི་ཉེན་འཚབ་ཀྱི་དུས་ཡུན་དེའི་སྐབས་དྲ་རྒྱ་གཏོར་བཅོམ་པས་ཁེ་ཕན་ལེན་ཏེ། ཁྱེད་རང་གི་གློག་ཀླད་མཉེན་ཆས་ནང་ལས་སླ་པོར་གསང་འཛུལ་བྱེད་ཀྱི་ཡོད། བདེ་འཇགས་ཉེན་འཚབ་ཀྱི་དཀའ་ངལ་འདི་ལྟ་བུ་མཉེན་ཆས་བཟོ་ལས་ཁང་ཚོས་ཤེས་རྟོགས་བྱུང་སྟབས། ཁོང་ཚོས་ལེགས་གསོའི་མཉེན་ཆས་དྲ་རྒྱའི་ཐོག་མཁོ་གཏོང་བྱས་ཏེ། མཉེན་ཆས་ཀྱི་བདེ་འཇགས་སླར་གསོ་བྱས་པ་དང་ཆབས་ཅིག དྲ་རྒྱ་གཏོར་བཅོམ་པ་མཐའ་ཅིག་ཏུ་ཕྱིར་འགོག་ཐབས་བྱེད་ཀྱི་ཡོད།

    ཁྱེད་ནས་དྲ་ཐོག་གི་ལེགས་གསོ་མཉེན་ཆས་རང་གི་གློག་ཀླད་ནང་ཕབ་འཇུག་བྱས་ཏེ་རང་ཉིད་ཀྱི་དྲ་རྒྱ་བདེ་འཇགས་བཙན་པོར་གནས་ཐུབ།

    update 2

    སྒེའུ་ཁུང་རྟགས་ཅན་མ་ལག་གིས་གློག་ཀླད་བཀོལ་སྤྱོད་པར་བདུན་ཕྲག་རེའི་ནང་ལེགས་གསོ་མཉེན་ཆས་ཕབ་འཇུག་བྱེད་དགོས་པའི་རང་སྐུལ་དྲན་བརྡ་གཏོང་གི་ཡོད། འོན་ཀྱང་སྐབས་འགར་དེ་ལྟར་རང་སྐུལ་དྲན་བརྡ་མ་བྱུང་ཚེ། རང་ཉིད་ནས་ལེགས་གསོ་མཉེན་ཆས་འཚོལ་གཤེར་ཐུབ་པའི་ལམ་རྒྱུས་ཡོད། དེ་ནི། Settings༼སྒྲིག་བཅོས།༽ནས་ Update and Security ༼ལེགས་གསོ་དང་བདེ་འཇགས།༽དེ་ནས། “Windows Update” འམ་༼སྒེའུ་ཁུང་མ་ལག་ལེགས་གསོ།༽ཞེས་པར་མཛུབ་གནོན་གྱིས་པའི་རྗེས། གལ་ཏེ། “Updates are available” འམ་༼ལེགས་གསོའི་མཉེན་ཆས་འདུག ༽ཞེས་པའི་བརྡ་ལན་སྤྲད་ཚེ། ‘Restart now’ འམ་ ༼གློག་ཀླད་ད་ལྟ་སྐྱར་དུ་སྤར།༽ ཞེས་པར་མཛུབ་གནོན་གྱིས་ཏེ་རང་གི་འདོད་མོས་ལྟར། ལེགས་གསོ་མཉེན་ཆས་དུས་ཐོག་ཕབ་འཇུག་བྱེད་ཐུབ་པ་དང་། ཡང་ན། ‘Schedule a restart time’ འམ་༼གློག་ཀླད་རྗེས་སུ་སྤར་རྒྱུའི་དུས་བཀག་སྒྲིག༽ ཞེས་པ་གང་རུང་འདེམས་ཆོག

    Update 3

    ལེགས་གསོ་མཉེན་ཆས་སྒྲིག་འཇུག་བཞིན་པའི་སྐབས་ཁྱེད་ནས་གློག་ཀླད་སྒོ་བརྒྱབ་པ་སོགས་ཀྱིས་བར་གནོད་སྐྱེལ་མི་རུང་།

    སྒེའུ་ཁུང་རྟགས་ཅན་གྱི་མ་ལག་མཉེན་ཆས་ལེགས་གསོ་བྱ་རྒྱུ་ལས་སླ་པོ་དང་དུས་ཚོད་ཀྱང་རིང་པོ་འགོར་གྱི་མེད།

    update 4

    ཀུ་ཤུ་རྟགས་ཅན་ནམ་མེག་མ་ལག་ལ་ཆ་མཚོན་ན། ཁྱེད་ནས་Apple Menu འམ་༼ཀུ་ཤུ་རྟགས་ཅནགྱི་མ་ཐོ།༽ཞེས་པའི་ནང་། ‘About this Mac’ འམ་༼མེག་མ་ལག་འདིའི་སྐོར།༽ཞེས་པ་བདམས་ཏེ། མེག་མ་ལག་མཉེན་ཆས་ཀྱི་ད་ལྟའི་ཐོན་རིམ་ཤེས་དགོས། མེག་མ་ལག་གི་ད་ལྟའི་ཐོན་རིམ་གསར་ཤོས་ནི། OS X EI Capitan 10.11.3 ཡིན།


    གལ་སྲིད་ཁྱེད་ཀྱི་གློག་ཀླད་ནང་ཡོད་བཞིན་པའི་མེག་མ་ལག་གི་ཐོན་རིམ་འདི་གསར་ཤོས་མིན་ཚེ། ‘Software Update…’ འམ། ༼མཉེན་ཆས་ལེགས་གསོ་བྱེད།༽ཞེས་པར་མཛུབ་གནོན་གྱིས་ཏེ་མེག་མ་ལག་གི་མཉེན་ཆས་ཐོན་རིམ་གསར་ཤོས་ཕབ་འཇུག་བྱེད་ཐུབ།

    update 5གལ་གནད།  མེག་མ་ལག་གི་ཐོན་རིམ་རྙིང་གྲས་ཁག་ལེགས་གསོ་བྱེད་ཐབས་བྲལ་བ་ཡིན། དེ་ཡང་མེག་གི་ལག་ཆས་གང་ཡིན་རུང་མེག་རྩིས་འཁོར་འཕྲུལ་རིག་གི་གཞི་རྟེན་དགོས་མཁོ་ཚང་ཞིང་། མ་ལག་མཉེན་ཆས་ཀྱི་ཐོན་རིམ་Snow Leopard དང་དེའི་རྗེས་ཀྱི་ཐོན་རིམ་ཡིན་ན། མ་ལག་ཐོན་རིམ་གསར་ཤོས་ལ་ལེགས་གསོ་བྱེད་ཐུབ།

    ནམ་ཞིག་ཁྱེད་ནས་ ‘Software Update…’ འམ་༼མཉེན་ཆས་ལེགས་གསོ་བྱེད།༽ ཞེས་པར་མཛུབ་གནོན་གྱིས་ན། ཁྱེད་རང་དེ་མ་ཉིད་དུ་‘Apple App Store’ འམ་༼ཀུ་ཤུ་རྟགས་ཅན་གྱི་བཀོལ་ཆས་གསོག་ཡུལ།༽ཞེས་པའི་མདུན་ངོས་སླེབས་པ་དང་། དེའི་ཐོག་ ‘Upgrade Now’ འམ་༼ད་ལྟར་ལེགས་གསོ་གྱིས།༽ཞེས་པ་བདམས་ཏེ་མཉེན་ཆས་ལམ་སེང་ཕབ་འཇུག་བྱེད་ཐུབ།

    update 6

    རྒྱུན་དུ་ནས་ཀུ་ཤུ་རྟགས་ཅན་ཡོ་ཆས་གྱི་མདུན་ངོས་གཡོན་ཟུར་སྟེང་གི་ཀུ་ཤུའི་མཚོན་རྟགས་  update 7 ཐོག་གནོན་ནས་ ‘App Store’ འམ་༼བཀོལ་ཆས་གསོག་ཡུལ་༽ཞེས་པར་རང་ཉིད་ཀྱི་གློག་ཀླད་ལ་མཁོ་བའི་མཉེན་ཆས་ལེགས་གསོ་བྱ་རྒྱུ་ཡོད་མེད་ལྟ་གཤེར་བྱེད་དགོས།

    update 8

    རྒྱུན་སྤྱོད་མཉེན་ཆས་ཁག་ཅིག་རང་ཉིད་ཀྱི་གློག་ཀླད་དྲ་རྒྱར་འཐུད་པ་དང་རང་སྐུལ་གྱིས་ལམ་སེང་ལེགས་གསོ་བྱེད་ཐུབ་ཀྱི་ཡོད་ཀྱང་། ཁག་ཅིག་གློག་ཀླད་སྤྱོད་པ་པོས་ལམ་རྒྱུས་རྩོལ་ནས་ལེགས་གསོ་བྱེད་དགོས།

    *** རང་སྐུལ་ལེགས་གསོ་ཐུབ་པའི་རྒྱུན་སྤྱོད་མཉེན་ཆས་ཀྱི་དཔེ་མཚོན་ཡག་ཤོས་ཞིག་ནི་‘Google Chrome’༼གུ་གྷལ་ཁཱོ་རོམ་༽ཞེས་པའི་དྲ་རྒྱ་གཤེར་བྱེད་ཀྱི་མཉེན་ཆས་དེ་ཡིན་ཞིང་། དེ་ལ་རྒྱུན་གཏན་ནས་ང་ཚོས་བྱེད་ལས་གང་ཡང་མི་དགོས་པར་མཉེན་ཆས་རང་སྐུལ་གྱིས་དུས་བསྟུན་ལེགས་གསོ་བྱས་ཏེ་བདེ་འཇགས་ཀྱང་བཙན་པོར་གནས་ཐུབ་ཀྱི་ཡོད་པར་བརྟེན། ང་ཚོས་ ‘Google Chrome’ འདི་དྲ་རྒྱ་གཤེར་བྱེད་ཀྱི་རྒྱུན་སྤྱོད་མཉེན་ཆས་འོས་ཤོས་སུ་འཚམས་སྦྱོར་བྱེད་ཀྱིན་ཡོད། ***

    གཤམ་གྱི་གོམ་ཐབས་བརྒྱུད་ནས་རང་ཉིད་ཀྱི་གློག་ཀླད་ནང་གི་རྒྱུན་སྤྱོད་མཉེན་ཆས་ཁག་ཐོན་རིམ་གསར་ཤོས་ཡིན་མིན་ཞིབ་དཔྱོད་ལས་སླ་པོར་བྱེད་ཐུབ།  

    • རང་གི་འདོད་པ་ལྟར་རྒྱུན་སྤྱོད་མཉེན་ཆས་གང་གི་ཐོན་རིམ་གསར་ཤོས་ཡིན་མིན་ལྟ་ཞིབ་བྱ་རྒྱུའི་མཉེན་ཆས་དེ་སྒོ་ཕྱེས་ནས། དེའི་མདུན་ངོས་གཡོན་ཟུར་སྟེང་མཉེན་ཆས་དེའི་མིང་བྱང་ཐོག་མཛུབ་གནོན་གྱིས་པ་དང་། གཤམས་སྟོན་མ་ཐོ་ཞིག་ཤར་གྱི་རེད། དེའི་སྟེང་ ‘Preferences’ ༼འདམ་ཀ་༽ ཡང་ན། ‘Software Update’ ༼མཉེན་ཆས་ལེགས་གསོ།༽ ཞེས་པ་གཉིས་གང་རུང་མཐོང་ཐུབ།

    update 9

    • ‘Software Update’ འམ་༼མཉེན་ཆས་ལེགས་གསོ།༽ཞེས་པར་མཛུབ་གནོན་གྱིས་ཏེ་མཉེན་ཆས་ཀྱི་ཐོན་རིམ་སྐོར་ལྟ་ཞིབ་ལམ་སེང་བྱེད་ཐུབ་པ་མ་ཟད། དེ་མུར་ཕབ་འཇུག་ཀྱང་བྱེད་ཐུབ།
    • ཡང་ ‘Preferences’ འམ་༼འདམ་ཀ་༽ཞེས་པའི་ཐོག་མཛུབ་གནོན་གྱིས་ན། ‘Software Update’ འམ་༼མཉེན་ཆས་ལེགས་གསོ།༽ཞེས་པ་གཞི་ནས་མཐོང་ཐུབ་པ་དང་། དེ་དང་མཉམ་དུ་ ‘Always keep up to date’ འམ་༼རྟག་ཏུ་ལེགས་གསོར་འཇོགས།༽ ཞེས་པ་འདེམས་ཐུབ།
    • དྲ་རྒྱ་གཤེར་བྱེད་ Firefox ༼ཧྥ་ཡར་ཧྥོག་སེ་༽དང་། Google Chrome ༼གུ་གྷལ་ཁཱོ་རོམ་༽ སོགས་ཀྱི་རྒྱུན་སྤྱོད་མཉེན་ཆས་རྣམས་ནི་དྲ་ཐོག་རང་སྐུལ་ལེགས་གསོ་ཐུབ་པའི་རང་སྒྲིག་བཟོས་ཡོད། ‘Safari’ ༼ས་ཧྥ་རི་༽དྲ་རྒྱ་གཤེར་བྱེད་ཀྱི་ལེགས་གསོ་མཉེན་ཆས་ནི་ ‘Apple App Store’ ༼ཀུ་ཤུ་རྟགས་ཅན་གྱི་བཀོལ་ཆས་གསོག་ཡུལ།༽ནང་ནས་འཚོལ་ཐུབ། གལ་སྲིད་ཁྱེད་ནས་དྲ་རྒྱ་གཤེར་བྱེད་ཀྱི་རྒྱུན་སྤྱོད་མཉེན་ཆས་གཞན་བེད་སྤྱོད་བྱེད་ཀྱི་ཡོད་ཚེ། དེ་ཡི་ལེགས་གསོ་མཉེན་ཆས་གོང་དུ་བརྗོད་པའི་གོམ་པ་དང་པོའི་ ‘Preferences’ འམ། ༼འདམ་ཀ།༽ ཞེས་པ་བརྒྱུད་ནས་འཚོལ་ཐུབ།

     English   中文